རྗེས་སུ་དངོས་གྲུབ་བླང་།ནོངས་པ་བཟོད་པར་གསོལ་ནས་རྡུལ་ཚོན་གྱི་ལྷ་རྣམས།ཨོཾ་ཁྱེད་ཀྱིས་སོགས་དང་།སེམས་མ་རྡོ་རྗེ་མའི་ཕྱག་རྒྱ་སྤྱི་བོར་བཟུང་ལ།ཨོཾ་བཛྲ་སཏྭ་ཧཱུཾ།གསུམ་དང་།བཛྲ་མུཿ ལ་རྣམས་ཀྱི་ཕྱག་རྒྱ་བཀྲོལ་ལ་གཤེགས་སུ་གསོལ།དེ་ནས་རོལ་མོ་དང་བཅས་པས་རྡོ་རྗེའི་རྩེས་དབང་ལྡན་གྱི་རྩིག་པ་བཤེག་ཅིང་།ཨོཾ་ཨ་ཀཱ་རོ་མུ་ཁཾ་སོགས་བརྗོད་ལ།ཆོས་ཐམས་ཅད་སྐྱེ་བ་མེད་པའི་དོན་དྲན་པར་བྱ།ལྷའི་གདན་ལ་ སོགས་པའི་མཚན་མ་རྣམས་བསྡུ་ཞིང་།རྡུལ་ཚོན་མཐའ་ནས་དབུས་སུ་ཕྱགས་ལ།བུམ་པའམ་ཟ་མ་ཏོག་ཏུ་བླུགས།ཐིག་རྗེས་རྣམས་དྲི་བཟངས་ཀྱི་ཆུས་མི་མངོན་པར་བྱས་ལ།བཀྲ་ཤིས་བྱའོ༎གལ་ཏེ་སྒྲུབ་མཆོད་ཞག་མང་པོ་ བྱེད་ན།གཤེགས་གསོལ་གྱི་ཚེབ་ཏུ་བརྟན་བཞུག་བྱེད་དེ།རྡུལ་ཚོན་གྱི་དཀྱིལ་འཁོར་འདི་ཉིད་ལ་ཇི་སྲིད་གཤེགས་གསོལ་གྱི་ཆོ་ག་མ་བྱས་ཀྱི་བར་དུ་བརྟན་པར་བཞུགས་སུ་གསོལ་ཞེས་སོགས་བརྗོད།ནུབ་ཐ་མ་ལ་སྔར་ལྟར་གཤེགས་ གསོལ་བྱའོ༎འདི་ནི་གཞན་ཕན་མཐའ་ཡས་ལ༎ཟུར་འདེབས་ཚུལ་དུ་ལེགས་སྦྱར་བས༎རྡུལ་ཚོན་དཀྱིལ་འཁོར་ཆོ་གའི་རིམ༎ཚད་ལ་མ་ནོར་ཤེས་པར་འགྱུར༎ཀུན་རིག་རྩ་བའི་དཀྱིལ་འཁོར་གྱི་ཆོ་ག་ལ་ཉེ་བར་མཁོ་བ་འདི་ནི༎ གཞན་ལ་ཕན་པའི་འོད་ཟེར་གྱི་དགོང་པ་ལྟར།ཤཱཀྱའི་དགེ་སློང་ཀུན་དགའ་བཟང་པོས་དཔལ་ཨེ་ཝཾ་ཚོས་ལྡན་གྱི་དགོན་པར་སྦྱར་བའི་ཡི་གེ་པ་ནི་སྡེ་སྣོད་འཛིན་པ་བསམ་འགྲུབ་བཟང་པོས་བགྱིས་པའོ༎༦།རྒྱུད་སྡེ་འོག་མ་གསུམ་ལ་ཉེ་བར་མཁོ་བའི་ཆ་གསུམ་གཏོར་མ་བཞུགས་སོ༎དཔ་ལ་རྡོ་རྗེ་སེམས་དང་ ལ་ཕྱག་འཚལ་ལོ༎རྣལ་འབྱོར་རྒྱུད་ཀྱི་དཀྱིལ་འཁོར་ཆེན་པོ་རྣམས་ཀྱི་ཆོ་ག་བྱེད་པའི་སྐབས་སུ་གཏོར་མ་ཆ་གསུམ་མདོར་བསྐུས་ཏེ་གཏོང་བར་འདོད་ན།གཏོར་མ་གསུམ་བཤམས་པའི་དང་པོ་ཕྱོགས་སྐྱོང་བཅུ་ལ་དབུལ་ཏེ།རྡོ་རྗེ་ གནོད་སྦྱིན་གྱི་ཕྱག་རྒྱ་བསྟན་ལ།ཨོཾ་བཛྲ་ཡཀྵ་ཧཱུཾ།ཞེས་བརྗོད་པས་མ་དག་པ་བསང་ཞིང་།རྡོ་རྗེ་མེའི་ཕྱག་རྒྱ་བསྟན་ལ།ཨོཾ་བཛྲ་ཛྭཱ་ལ་ཨ་ན་ལ་ཧ་ན་ད་ཧ་པ་ཙ་མ་ཐ་བྷཉྫ་ར་ཎ་ཧཱུཾ་ཕཊ།ཅེས་བརྗོད་པས་གཟི་བྱིན་བསྐྱེད་ལ་རིན་པོ་ཆེའི་སྣོད་ ཡངས་པ་བདུད་རྩིའི་ཚོགས་ཀྱིས་གང་བར་བསམས་ནས།རྡོ་རྗེ་བསྡམས་པའི་ཕྱག་རྒྱ་འདེབས་ཚུལ་དུ་བྱས་ལ།ཨོཾ་ཨ་ཀཱ་རོ་མུ་ཁཻཾ་སརྦྦ་དྷརྨཱ་ཎཱཾ།ཨཱ་དྱ་ནུཏྤནྣ་ཏྭཱཏ།ཨོཾ་ཨཱཿཧཱུཾ་ཕཊ་སྭཱ་ཧཱ།ཞེས་བརྗོད་པས་ཅི་འདོད་པའི་ཡོ་བྱད་ཐམས་ཅད་ ཐོགས་པ་མེད་པར་བསམ་ཞིང་།རང་གི་ཐུགས་ཀའི་འོད་ཟེར་གྱིས་ཕྱོགས་སྐྱོང་འཁོར་བཅས་སྤྱན་དྲངས་པར་བསམས་ལ།རྡོ་རྗེ་དྲིལ་བུ་འཛིན་པས།ཕྱོགས་སྐྱོང་འཇིག་རྟེན་སྐྱོང་བ་དབང་དང་ལྡན༎སྙིང་རྗེ་ཐབས་མཁས་ཐུགས་དམ། དཀྱིལ་པོ་ཆེ༎ལྷ་དང་དྲང་སྲོང་ཡི་དགས་སྲིན་པོ་ཀླུ༎རིག་འཛིན་རྒྱལ་པོ་དང་ནི་གནོད་སྦྱིན་བདག།དེ་དག་སོ་སོའི་དབང་པོའི་སྐུར་སྟོན་ཅིང་༎ཕྱོགས་བཅུའི་འཇིག་རྟེན་སྐྱོང་བ་བཞུགས་སུ་འཚལ༎བསྟན་པ་རྒྱས་པའི་སླད་དུ་སྤྱན་འདྲེན། ན།འགྲོ་བའི་དོན་ཕྱིར་མཆོད་ཀྱིས་གཤེགས་སུ་གསོལ༎ཨོཾ་ད་ཤ་དི་ཀ་ལོ་ཀ་པཱ་ལས་པ་རི་ཝཱ་ར་ཨེ་ཧྱེ་ཧི།ཞེས་པས་སྤྱན་དྲངས།པདྨ་ཀ་མ་ལཱ་ཡ་སྟྭཾ་གྱིས་གདན་ཕུལ་ལ།ཨོཾ་ཨིནྡྲ་ཡ།ཨགྨ་ཡ།ཡ་མཱ་ཡ།ནཻ་རྀ་ཏྱཱ་ཡ།ཝ་ ཨརུ་ཛ་ཡ།ལཱ་ཡ་ཝེ།གུ་བེ་རཱ་ཡ།ཨཱ་ཤ་ནཱ་མ།ཨུདྷ་བདྷ་ཡ།སཱརྱ་མ་ཧ་ཨ་དྷི་པཏ་ཡེ།ཙཎྜ་ནཀྶ་ཏྲ་ཨརྟི་པ་ཏ་ཡེ།ཨརྟ་པྲྀབི་ཏི་བྱཿཨ་སུ་རེ་བྷྱཿནཱ་གེ་བྷྱཿས་པ་རི་ལཱར།བཛྲ་བ་ལ་ ཡ་སྟྭེ།ཞེས་བརྗོད་ཅིན་རྡོ་རྗེ་རཅེ་ལྔ་པའི་ཕྱག་རྒྱ་བཅས་པསདམ་ལ་བཞག།དེ་ནས་སྙུར་གྱི་སྔོགས་ཀྱི་རྗེས་ལ།བྲོ་བྷོད་ཡནྟྷ་སཱཿ།པདྱ་སྱཱཿ།བུཥྚ་སྭཱཿཧ།དྷཱུ་པ་སྭཱ་ཧཱ།དཱི་བ་སྤཱཿ།སྱ་སྭཱ་ཐཱ།ཞེས་པས་མཆོད་དག། དབང་པོ་རྡོ་རྗེ་འཆང་བའི་ལྷ༎ལྷ་ཡི་རྒྱལ་པོ་གདོན་གྱི་བདག།ཤར་ཕྱོགས་གདོན་གྱི་ཚོགས་བཅས་ལ༎མཆོད་ཅིང་བསྙེད་དེ་ཕྱག་ཀྱང་འཚལ༎མེ་སྟེ་སྲེག་བྱ་ཟ་བའི་ལྷ༎དྲིང་སྲོང་རྒྱལ་པོ་གདོན་གྱི་བདག།ཤར་གྱའ་ གདོན་གྱི་ཚོགས་བཅས་ལ༎མཆོད་ཅིང་བསྐྱོད་དེ་ཕྱུག་ཀྱང་འཚལ༎གཤིན་རྗེ་བ་ཆོན་འགྱུང་བའི་ལྷ༎མ་མོའི་རྒྱལ་པོ་གདོན་གྱི་བདག།ལྷོ་ཕྱོགས་གདོན་གྱི་ཚོགས་བཅས་ལ༎མཆོད་ཅིང་བསྟོན་དེ་ཕྱག་ཀྱང་འཚལ། བ་དན་དང་བྲལ་བ་ལེགས་ལྡན་ལྷ༎སྲིན་པོའི་རྒྱལ་པོ་གདོན་གྱི་བདག།ལྷོ་ནུབ་གདོན་གྱི་ཚོགས་བཅས་ལ༎མཆོད་ཅིང་བསྟོད་དེ་ཕྱག་ཀྱང་འཚལ༎ཞགས་པ་ཐོགས་པ་ཆུ་ཡི་ལྷ༎ཀླུ་ཡི་རྒྱལ་པོ་གདོན་གྱི་བདག།ནུབ་ཕྱོགས གདོན་གྱི་ཚོགས་བཅས་ལ༎མཆོད་ཅིང་བསྐྱོད་དེ་ཕྱག་ཀྱང་འཚལ༎རླུང་སྟེ་སྲོག་ཀྱང་འཛིན་པའི་ལྷ༎རིག་འཛིན་རྒྱལ་པོ་གདོན་གྱི་བདག།ནུབ་བྱང་གདོན་གྱི་ཚོགས་བཅས་ལ༎མཆོད་ཅིང་བསྟོད་དེ་ཕྱག་ཀྱང་འཚལ༎གནོད་ བྱུལ་ཨ་ཨ་ཨ སྦྱིན་ལག་ན་དབྱུག་ཐོ་ཐོགས༎ནོར་སྐྱོང་རྒྱལ་པོ་ག་དོན་གྱི་བདག།བྱང་ཕྱོགས་གདོན་གྱི་ཚོགས་བཅས་ལ༎མཆོད་ཅིང་བསྟོད་དེ་ཕྱག་ཀྱང་འཚལ༎དབང་དང་ལྡན་པ་འདྲེན་པའི་ལྷ༎འབྱུང་པོའི་རྒྱལ་པོ་གདོན་གྱི་བདག།བྱང་ཤར་ གདོན་གྱི་ཚོགས་བཅས་ལ༎མཆོད་ཅིང་བསྟོད་དེ་ཕྱག་ཀྱང་འཚལ༎སྟེང་གི་ཚངས་པ་ཆེན་པོ་དང་༎ཉི་མ་ཟླ་བ་གཟའ་ཆེན་པོ༎གཟའ་དང་རྒྱུ་སྐར་བཅས་པ་ལ༎མཆོད་ཅིང་བསྟོད་དེ་ཕྱུག་ཀྱང་འཚལ༎འོག་གི་ཀླུ་སྡེ་ས་ཡི་བདག། ས་འཛིན་ལག་པ་ཆེན་པོ་དང་༎དམ་ཚིག་ཤེས་པའི་ཚོགས་བཅས་ལ༎མཆོད་ཅིང་བསྟོད་དེ་ཕྱག་ཀྱང་འཚལ༎ཞེས་པས་བསྟོད།དེ་ནས་ནམ་མཁའ་མཛོད་ཀྱི་ཕྱག་རྒྱ་བཅས་ལ།སྔར་གྱི་སྔགས་རྣམས་ཀྱི་མཐར།ན་མཿསརྦ་ཏ། ཐ་ཨ་ཏེ་བྷྱོ་བི་ཤཱ་མུ་ཁེ་བྷྱཿསརྦ་ཐཱ་ཁཾ།ཨུཏྨ་ཏེ་སྥ་ར་ཎ་ཨི་མཾ་ག་ག་ན་ཁཾ་གྲྀཧྞེ་དཾ་བ་ལྱ་དི་སྭཱ་ཧཱ།ཞེས་པ་གསུམ་མམ་བདུན་གྱིས་གཏོར་མ་ཕུལ་ནས།ཤར་ཕྱོགས་རྡོ་རྗེ་ཅན་གྱི་ལྷ་ཚོགས་འཁོར་དང་བཅས༎གཏོར་མ་འབུལ་བ་འདི་དག་ བ་ཞེས་སུ་གསོལ༎མེ་དང་གཤིན་རྗེ་བདེན་བྲལ་སྲིན་པོའི་བདག།ཆུ་བདག་རླུང་བདག་ནོར་གྱི་བདག་པོ་དང་༎དབང་ལྡན་ལྷ་སྟེ་འབྱུང་པོའི་བདག་པོ་དང་༎སྟེང་གི་ཉི་ཟླ་ཚངས་པ་ཆེན་པོ་དང་༎ལྷ་རྣམས་ཀུན་དང་གང་དགས་སྟེངས་ཀླུ༎ ན་། རི་ཡི་ལྷ་དང་གཙང་མའི་ཚོགས་བཅས་ལ༎སྭཿསྭཿསོ་སོར་གཏོར་མ་འབུལ་བ་ནི༎རབ་ཏུ་དགེས་པའི་ཡིད་ཀྱིས་བཞེས་ནས་སུ༎རང་རང་ཕྱོགས་སུ་ལེགས་པར་བཞུགས་ནས་ཀྱང་༎རང་གི་བུ་སྨད་མཛའ་བཤེས་གཉེན་འདུན་ ༄བཅས༎ནང་མི་དམག་དང་དཔུང་བཅས་ཐབས་གཅིག་ཏུ༎ཕྲེང་བ་མེ་ཏོག་དྲི་དང་བདུག་པར་བཅས༎བསྟོད་དང་གཏོར་མ་མར་མེ་གུས་འབུལ་ན༎འདི་དག་གསོལ་ཞིང་ལེགས་པར་བསྣམས་ནས་ཀྱང་༎ བབདག་གི་ལས་ཀྱི་འབྲས་བུ་མཆིས་པར་མཛོད༎ཅེས་པས་ཕྲིན་ལས་བཅོལ་ལ།ཆོས་རྣམས་ཐམས་ཅད་རྒྱུ་ལས་བྱུང་༎དེ་རྒྱུ་དེ་བཞིན་གཤེགས་པས་བསྟན༎རྒྱུ་ལ་འགོག་པ་གང་ཡིན་པ༎དགེ་སྦྱོང་ཆེན་པོས་འདི་སྐད་གསུངས༎ སདསྡིག་པ་ཅི་ཡང་མི་བྱ་སྟེ༎དགེ་བ་ཕུན་སུམ་ཚོགས་པར་སྤྱད༎རང་གི་སེམས་ནི་ཡོངས་སུ་གདུལ༎འདི་ནི་སངས་རྒྱས་བསྟན་པ་ཡིན༎ལུས་ཀྱི་སྡོམ་པ་ལེགས་པ་སྟེ༎ངག་གི་སྡོམ་པ་ལེགས་པ་ཡིན༎ཡིད་ཀྱི་སྡོམ་པ་ལེགས་པ་སྟེ༎ཐམས་ ཅད་དུ་ནི་སྡོམ་པ་ལེགས༎ཐམས་ཅད་སྲུང་བའི་དགེ་སློང་དག།སྡུག་བསྔལ་ཀུན་ལས་དེ་གྲོལ་ལོ༎ཆོས་རྣམས་གཟུགས་བརྙན་ལྟ་བུ་སྟེ༎དག་ཅིང་གསལ་ལ་རྙོག་པ་མེད༎གཟུང་དུ་མེད་ཅིང་བརྗོད་དུ་མེད༎རྒྱུ་དང་ལས་ལས་ཀུན་དུ་ འབྱུང་༎ངོ་བོ་ཉིད་མེད་གནས་མེད་པར༎དེ་ལྟར་ཆོས་རྣམས་ཤེས་གྱིས་ལ༎སེམས་ཅན་དོན་ནི་མཉམ་མེད་བྱོས༎འོན་ཀྱང་སྐྱོབ་པའི་སྲས་སུ་སྐྱེ༎ཞེས་པས་ཆོས་ཀྱི་སྦྱིན་པ་བྱིན་ལ༎སྲུང་མ་དམ་ཚིག་ཅན་ཁྱེད་རྣམས་མཆོད་སྦྱིན་གྱི། གཏོར་མ་རྒྱ་ཆེན་པོ་འདི་བཞེས་ལ།སངས་རྒྱས་ཀྱི་བསྟན་པ་དར་ཞིང་འཇིག་རྟེན་དུ་དགེ་ལེགས་རྒྱ་ཆེན་པོ་འབྱུང་བ་དང་།བདག་ཅག་དཔོན་སློབ་འཁོར་དང་བཅས་པ་རྣམས་ཀྱི་ཆོས་སྒྲུབ་པའི་བར་ཆད་ཐམས་ཅད་ཉེ་བར་ཞི་བ་དང་།བསམ་པའི་དོན་ཐམས༎ ཅད་ཆོས་དང་ལྡན་པ་ཡིད་བཞིན་དུ་འགྲུབ་པར་མཛད་དུ་གསོལ།ཞེས་བརྗོད་ལ།སྔར་གྱི་ད་ཤ་དི་ཀ་སོགས་ཀྱི་རྗེས་ལ་གཙྪ་བཏགས་པས་གཤེགས་སུ་གསོལ་ལོ༎གཉིས་པ་འབྱུང་པོ་རྣམས་ལ་འབུལ་ཏེ།སྔ་མ་ལྟར་བྱིན་གྱིས་བརླབས་ནས། སྙིང་གའི་འོད་ཟེར་གྱིས་ལྷ་ཐམས་ཅད་སྤྱན་དྲང་བར་བསམ་ཞིང་།ལྷ་དང་ལྷ་མིན་གནོད་སྦྱིན་ལྟོ་འཕྱེ་གྲུལ༎ནམ་མཁའ་ལྡིང་དང་འདབ་བཟངས་ལུས་སྲུལ་པོ༎དྲི་ཟ་སྲིན་པོ་གདོན་གྱི་ཚོགས་རྣམས་དང་༎གང་དག་ས་ལ་གནས་པའི་རྫུ་འཕྲུལ། ཅན༎བུ་སྨད་བཅས་ཤིང་གཡོག་འཁོར་བཅས་པ་ལ༎བདག་གི་པུས་མོ་ས་ལ་བཙུགས་ནས་ནི༎ཐལ་མོ་སྦྱར་ནས་ཁྱེད་ལ་གསོལ་འདེབས་ཀྱི༎གསན་ནས་ཕན་གདགས་སླད་དུ་འདིར་གཤེགས་ཤིག།ཨོཾ་སརྦ་ལོ་ཀ་ཀ་ར་ཨེ་ཧྱེ་ཧིས་སྤྱན༎ དརྡངསཿཔདྨ་ཀ་མ་ལཱ་ཡ་སྟྭཾ་གྱིས་གདན་ཕུལ།ཨརྒྦཾ་སོགས་ཀྱིས་མཆོད་ལ་གཏོར་མ་གསོལ་བར་བསམ་ཞིང་།ཨོཾ་དེ་ཝ།ནཱ་ག།ཡཀྵུ།གནྡྷདྷུ།ཨ་སུ་ར།ག་རུ་ཌ།ཀིནཱ་ར།མ་ཧོ་རཱ་ག།མ་ནུ་ཥྱ།ཨ་མ་ནུ་ཥྱ།ས་པ་རི་ཝཱ་ར། ན་མཿསརྦ་ཏ་ཐཱ་ག་ཏེ་བྷྱོ་བི་ཤྭཱ་མུ་ཁེ་བྷྱཿསརྦ་ཐཱ་ཁཾ།ཨུཏྤ་ཏེ་སྥ་ར་ཎ་ཨི་མཾ་ག་ག་ན་ཁཾ་གྲྀ་དྷེ་དཾ་བ་ལྱ་དི་སྭཱ་ཧཱ།ཞེས་ལན་གསུམ་མམ་བདུན་གྱིས་ཕུལ་ལ།འབྱུང་པོ་གང་དག་རི་རབ་སྟེང་གནས་དང་༎དགའ་བའི་ཚལ་དང་ལྷ་ཡི་གནས་རྣམས་ དང་༎ཤར་ནུབ་རི་དང་ཉི་ཟླའི་ཁྱིམ་རྣམས་དང་། པ་ཛིམ། རི་བོ་ཀུན་ལ་གང་དག་གནས་པ་དང་༎རིན་ཆེན་གླིང་ན་ལྷག་པར་གང་གནས་དང་༎ཆུ་བ་ཀུན་དང་ཆུ་བོའི་མདོ་རྣམས་དང་༎མཚོ་དང་རྫིང་བུ་ལྟེང་ཀ་ཆུ་ངོགས་དང་༎གཡའ་ཆུ་བསིལ་མ་ ཅན་ན་གང་གནས་དང་༎གྲོང་དང་ཕྱུགས་ལྷས་གྲོང་ཁྱེར་སྟོང་པ་དང་༎ཁང་སྟོང་དག་དང་ལྷ་ཡི་གནས་རྣམས་དང་༎གཙུག་ལག་ཁང་དང་མཆོད་རྟེན་གནས་རྣམས་དང་༎དཀའ་ཐུབ་གནས་དང་གླང་ཆེན་བྲེས་རྣམས་དང་༎ རྒྱལ་པོའི་དཀོར་ཁང་དག་ན་གང་གནས་དང་༎ལམ་སྲང་སུམ་མདོ་དང་ནི་བཞི་མདོ་དང་༎གང་དག་ལམ་པོ་ཆེ་དང་ཤིང་གཅིག་དྲུང་༎དུར་ཁྲོད་ཆེན་པོ་ནགས་ཚལ་ཆེན་པོ་དང་༎སེང་གེ་དྲེད་དང་གཅན་གཟན་གནས་རྣམས་དང་༎འབྲོག་ཆེན་འཇིག། སུ་རུང་བར་གང་གནས་དང་༎གང་དག་གླིང་མཆོག་དག་ན་གནས་པ་དང་༎ལྷུན་པོ་དུར་ཁྲོད་དག་ན་གནས་པ་རྣམས༎རབ་ཏུ་དགེས་ཤིང་མགུ་བར་གྱུར་ནས་སུ༎ཕྲེང་བ་མེ་ཏོག་དྲི་དང་བདུག་པར་བཅས༎བསྟོད་དང་གཏོར་མ་མར་མེ་གུས་ འའབུལ་ན༎འདི་དག་གསོལ་ཞིང་ལེགས་པར་བཞེས་ནས་ཀྱང་༎བདག་གི་ལས་ཀྱི་འབྲས་བུ་མཆིས་པར་མཛོད༎ཅེས་པས་ཕྲིན་ལས་བཅོལ་ཞིང་།སྔ་མ་ལྟར་ཆོས་ཀྱི་སྦྱིན་པ་དང་།འདོད་པའི་དོན་ལ་གསོལ་བ་བཏབ་ལ།ཨོཾ་སརྦ་ལ། ཀ་ཀཱ་ར་གྲྀཧྞེ་དཾ་ཨརྒྷཾ་སྭཱ་ཧཱ་གཙྪ།ཞེས་པས་གཤེགས་སུ་གསོལ་ལོ༎གསུམ་པ་བགེགས་རྣམས་ལ་སྦྱིན་ཏེ།རང་ཉིད་རིགས་ཀྱི་ཁྲོ་བོ་གང་ཡིན་གྱི་ང་རྒྱལ་དང་ལྡན་པས།འདོད་པའི་རྒྱལ་པོའི་ཕྱག་རྒྱ་བཅིངས་ལ།རྗེ་བཙུན་རྩ་བ་དང་བརྒྱུད་པར༎ བཅས་པའི་དཔལ་ལྡན་བླ་མ་དམ་པ་རྣམས་ཀྱི་བདེན་པ་དང་།སངས་རྒྱས་ཀྱི་བདེན་པ་དང་།ཆོས་ཀྱི་བདེན་པ་དང་།དགེ་འདུན་གྱི་བདེན་པ་དང་།གསང་སྔགས་དང་རིག་སྔགས་ཀྱི་བྱིན་གྱི་རླབས་ཀྱིས།བགེགས་ཀྱི་རིགས་གང་ཡིན་པ་དེ་དག། གག་ ཐམས་ཅད་སྐད་ཅིག་ཐང་ཅིག་ཡུད་ཙམ་ཉིད་ལ་འདིར་མཆིས་པར་གྱུར་ཅིག།ཊཀྐི་ཧཱུཾ་ཛ།ཞེས་བརྗོད་པས་བགེགས་རྣམས་གཏོར་མ་ལེན་པའི་ཕྱིར་དུ་འོངས་པར་བསམས་ལ།ཨོཾ་གུང་ཀ་རེ་གུར་ཀ་རེ་སྭཱ་ཧཱ།ཨོཾ་བི་ཙི་པི་ཙི་སྭཱ་ཧཱ།ཨོཾ་གུང་གུང་སྭཱ་ཧཱ།སརྦ་ བ་ཡན་གྲྀཧྞེ་དཾ་ཨརྒྷཾ་སྭཱ་ཧཱ།ཞེས་སོགས་ཀྱིས་མཆོད་ལ།གོང་གི་སྔགས་གསུམ་གྱི་རྗེས་སུ།སརྦ་བིགྣཱན་ན་མཿསརྦ་ཏ་ཐཱ་ག་ཏེ་བྷྱཾ་ཞེས་སོགས་བཏགས་ལ་ལན་གསུམ་གྱིས་གཏོར་མ་བྱིན་པས་ཚིམ་པར་བསམས་ལ།གང་ཞིག་མཚན་མོར་རྒྱུ་བ་ཡི༎འབྱུང་༎ པོ་རནམས་དང་ཤ་ཟ་དང་༎སྲིན་པོ་ཤ་རྗེན་ཟ་བ་དང་༎སེམས་ཅན་རྣམ་པ་སྣ་ཚོགས་པ༎ལྗོན་ཤིང་གེལ་པ་སོགས་གནས་པ༎དེ་དང་དེ་ལ་གཏོར་མ་ནི༎བཟའ་བ་ཤ་ཆང་ལ་ཕུག་བཅས༎འབྲས་ཆན་འབྲས་བུ་མང་པོ་ཡིས༎མཆོད་སྦྱིན་འདི་ ཡིས་མགུ་བྱོས་ལ༎གནོད་པའི་བསམ་པ་ཞི་བ་དང་༎བདག་ཅག་རྣམས་ལ་ཡན་པའི་ཡིད༎དེ་རིང་ཕྱིན་ཆད་བསྐྱེད་པར་གྱིས༎ཞེས་བསྔོས་ལ།རྒྱན་གྱིས་བརྒྱན་པར་བྱས་ཀྱང་ཆོས་སྤྱོད་ཅིང་༎དུལ་ཞིང་ཡང་དག་སྡོམ་ལ་ཚངས་པར་སྤྱོད༎ འའབྱུང་པོ་ཀུན་ལ་ཆད་པ་སྤངས་པ་སྟེ༎དགེ་སློང་དགེ་སྦྱོང་དེ་ཡིན་བྲམ་ཟེའང་དེ༎མཚོན་ཆས་མི་འཇིགས་གང་ཡང་མེད༎འཆི་བའི་སྲོག་ལ་ཀུན་ཀྱང་འཛེམ༎འཚོ་བའི་ཟས་ལ་ཀུན་ཀྱང་འདུ༎རང་གི་ལུས་ལ་དཔེ་ལོང་ལ༎གཞན་ལ་གནོད་པ་ དཿ མ་བྱེད་ཅིག།ཨོཾ་ཆེན་པོའམ་ཆུང་ངུ་གང་དག་གིས༎ལུས་ལ་མངོན་པར་གནོད་གྱུར་པ༎ནད་དེ་ཉེ་བར་ཕྱུང་ནས་སུ༎གདོན་དེ་རང་གི་གནས་སུ་དེངས༎དེ་ལྟར་བདག་གིས་ཅི་ནུས་ཀྱིས༎མཆོད་དང་བསྙེན་བཀུར་བྱས་པ་ཡིས༎དམ་ཚིག་གནས་ལ་ གནས་ནས་སུ༎བདག་གི་བསམ་པ་སྐོང་བར་མཛོད༎རྟག་ཏུ་དམ་ཚིག་ལ་གནས་ཤིང་༎འདིར་ནི་བདག་ཅག་འཁོར་བཅས་ཀྱི༎ནད་དེ་རབ་ཏུ་སོལ་མཛོད་ལ༎གདོན་རྣམས་རང་གི་གནས་སུ་སོང་༎ཞེས་བརྗོད་ཅིང་།ཨོཾ་སརྦ་ བབ་ཡན་གཙྪ།ཞེས་པས་གཤེགས་སུ་གསོལ་ལ།གཏོར་མ་ས་གཙང་སར་དོར་ཞིང་།རོལ་མོའི་སྒྲ་དྲག་པོ་དང་བཅས་པས།ན་མསྨྲུ་མནྡྲ་ཀཱ་ཡ་ཝཱཀྵིཏྟ་བཛྲཱ་ཎྱཱཾ།ན་མོ་བཛྲ་ཀྲོ་དྷཱ་ཡ།མ་ཧཱ་དཾ་ཥྚྱོཏྐ་ཊ་བྷེ་ར་ཝཱ་ཡ།ཨ་སི་མུ་ས་ལ།པ་ར་ཤུ་པཱ་ཤ་ཧསྟཱ་ཡ།ཨོཾ་བཛྲ་ཨ རྀ་ཏི་ཀུཎྜ་ལི།ཁ་ཁ་ཁཱ་ཧི་ཁཱ་ཧི།ཧུ་ལུ་ཧུ་ལུ།ཏིཥྛ་ཏིཥྛ།བནྡྷ་བནྡྷ།ཧ་ན་ཧ་ན།ད་ཧ་ད་ཧ།གརྫ་གརྫ།བི་སྥོ་ཊ་ཡ།བི་སྥོ་ཊ་ཡ།སརྦ་བིགྷྣཱན།བི་ཉཱ་ཡ་ཀཱ་ནཱཾ།མ་ཧཱ་ག་ཎ་པ་ཏི།ཛཱི་ཝི་ཏ།ཨནྡྲ་ཀ་རཱ་ཡ་སྭཱ་ཧཱ།ཞེས་པས་མཚམས་བཅད་པར་བྱའོ༎དེ་བཞིན་ དུ་བྱ་བ་དང་།སྤྱོད་པའི་རྒྱུད་ཀྱི་ཆོ་ག་རྣམས་ཀྱི་སྐབས་སུ་ཡང་།གཏོར་མ་བསང་སྦྱངས་བྱིན་གྱིས་བརླབ་པ་རྣམས་སོ་སོའི་ཆོ་ག་བཞིན་སྦྱར་ལ།གཏོར་མའི་ཆོ་ག་ནི་འདི་ཁོ་ན་ལྟར་ཉམས་སུ་བླངས་པས་འགྲུབ་པོ༎འོན་ཀྱང་བྱ་བའི་རྒྱུད་ལ་ལྷའི་ང་རྒྱལ་གྱིས་མགྲོན་དགུག་པ་མེད་ པས།སྔོན་དུ་བདག་མེད་གཉིས་ཀྱི་རྣལ་འབྱོར་ལ་སེམས་བཞག་ལ།དེའི་ངང་ལས་མགྲོན་དགུག་པ་སོགས་བྱ་བ་ཉིད་དོ༎དེ་ལྟར་རྒྱུད་སྡེ་འོག་མ་གསུམ་གྱི་ཆོ་ག་ལ་ཉེ་བར་མཁོ་བའི་ཡན་ལག་གཏོར་མ་ཆ་གསུམ་གྱི་ཆོ་ག་བསྡུས་པ་འདི།ཤཱཀྱའི་དགེ་སློང་ཀུན་དགའ་བཟང་། པོས་སློབ་དཔོན་ཤདྡྷ་ཀཱར་ཝརྨའི་གཞུང་དང་མཐུན་པར་སློབ་མ་དག་གི་དོན་དུ་བྲིས་པའོ༎།ཀྱལ་ཨོ་ཨག་ཅེས་ཨག་གོ༎ན་མོ་བཛྲ་སཏཱ་ལ།དཀྱིལ་འཁོར་སྒྲོ་སྒྲག་གི་དོན་ལ།ཀུན་མཁྱེན་གཉིས་པ་བུ་སྟོན་ཞབས་ཀྱི་བཞེད་པས།རྡོ་རྗེ་རྩེ་མོར།དཀྱིལ་འཁོར་ནང་ ཙེ་ཨི